Soul Day བླ་གཟའ།_ངོ་སྤྲོད།
Soul Day འམ་(བླ་གཟའ།)ཞེས་པའི་བོད་པ་རང་གི་སྲོལ་རྒྱུན་སྐར་རྩིས་ལས་བླ་གཟའ་སོགས་གཟིགས་པར་བཀོལ་བདེའི་མཉེན་ཆས།གསར་སྤེལ་བ། : བྱམས་པ་ཚེ་རིང་། (དྲྭ་མིང་།:ཁམས་པ་ཚང་། སྔར་དྲྭ་མིང་བོད་གཡག་རྒོད་འབོད།) བོད་གཡག་རྒོད་ཡིག་གཟུགས་གསར་བཟོ་བ།མཉེན་ཆས་འདི་ནི་ནམ་ཡང་རིན་མེད་བེད་སྤྱོད་གཏོང་ཆོག་པའི་སྤྱི་ཕན་རང་བཞིན་ཉག་ཅིག་གོ།
གཅིག། དམིགས་ཡུལ་དང་གསར་གཏོད་ཀྱི་རྒྱབ་ལྗོངས།
དེང་སང་ཁྲོམ་རར་བོད་ཀྱི་སྐར་རྩིས་སྐོར་གྱི་མཉེན་ཆས་ཧ་ཅང་མང་ལ་ནུས་པ་ཡང་ཕུན་སུམ་ཚོགས་པ་ཡོད་ཀྱང་། དེ་དག་མང་ཆེ་བ་ཡི་གེ་འབྲི་བཤུ་དང་བཤེར་འཚོལ་ཤེས་མཁན་ལ་དམིགས་པ་ཤ་སྟག་རེད། འོན་ཀྱང་ང་ཚོའི་བོད་མི་རྣམས་ཀྱིས་ལས་དོན་གང་སྤེལ་དང་། རྣམ་དཀར་དགེ་སྒྲུབ། སྨན་བཅོས་སོགས་ཀྱི་སྐབས་སུ་རང་གི་བླ་གཟའ་དང་སྲོག་གཟའ་སོགས་ལ་གཟིགས་རྒྱུ་ནི་ཤིན་ཏུ་མཐོང་ཆེན་གནང་གི་ཡོད། ལྷག་པར་དུ་ཞིང་འབྲོག་ཁག་གི་ཕ་མ་སྤུན་ཟླ་ཡི་གེ་མི་ཤེས་མཁན་རྣམས་ལ་དམིགས་ནས། ཡི་གེ་འབྲི་མི་དགོས་པར་མཛུབ་མོས་བསྣུན་པ་ཙམ་གྱིས་རང་གི་བླ་གཟའ་ཅི་ལྟར་འཁེལ་མིན་གསལ་ལེར་མཐོང་ཐུབ་པའི་མཉེན་ཆས་འདི་ཆེད་དུ་བཟོས་པ་ཡིན།
གཉིས།:ཁྱད་ཆོས་གཙོ་བོ།
⓵ བེད་སྤྱོད་གཏོང་བདེ་བ། ཡི་གེ་འབྲི་བཤུ་མི་དགོས་པར། རང་གི་ལོ་རྟགས་གང་ཡིན་པའི་རྟགས་རིས་དེར་མཛུབ་མོ་བསྣུན་པ་ཙམ་གྱིས་དེར་བསྟུན་དེ་རིང་སྲོག་གཟའ་དང་། བླ་གཟའ། གཤེད་གཟའ་བཅས་གང་འདྲ་འཁེལ་མིན་གསལ་པོར་གཟིགས་ཐུབ།
⓶ ཁ་གསལ་ལ་གཙང་བ། མཉེན་ཆས་འདིའི་ནང་ཁྱབ་བསྒྲགས་ (广告) དང་འཕར་ཁུང་ (弹窗) གཏན་ནས་མེད་པས། བེད་སྤྱོད་གཏོང་སྐབས་གཞན་གྱིས་བར་ཆད་མི་བྱེད།
⓷ འཁྲུངས་ལོ་དང་ལོ་གྲངས། བོད་ཀྱི་ལོ་ཆེན་ལོ་སར་གྱི་དུས་ཚོད་གཞིར་བཟུང་ནས། རང་གི་ལོ་རྟགས་ལ་མནན་ཚེ་ལོ་གྲངས་དང་ལོ་དེའི་འབྱུང་བ་བཅས་རང་བཞིན་གྱིས་རྩིས་རྒྱག་ཐུབ། ལོ་གྲངས་བརྩི་སྟངས་ནི་བོད་
ཀྱི་སྲོལ་རྒྱུན་གཞིར་བཞག་བྱས།
⓸ བོད་ཡིག་གཟུགས་མཛེས་པ། མཉེན་ཆས་འདིའི་ནང་ “བླ་བྲང་ཡིག་གཟུགས་” ( wujinlabuleng.ttf )བཅུག་ཡོད་པས། བོད་ཡིག་གི་གཟུགས་དཔེ་མི་འགྱུར་བར་སྙིང་རྗེ་པོར་འཆར་ཐུབ།
གསུམ།:སྒྲིག་འཇུག་བྱེད་སྟངས། (གཤམ་གྱི་པར་རིས་ལ་གཟིགས།)
⓵ ཀུ་ཤུ། (iPhone) བེད་སྤྱོད་མཁན། Safari(浏览器)ནང་།
https://khampatsang.pages.dev དྲྭ་ཐག་འདིར་མཛུབ་མོས་མནན་ནས་ཁ་ཕྱེ་བའམ་བཤུས་རྗེས་གླན་ན་འགྲིགས། ➡️ འོག་གི་མཉམ་སྤྱོད་“分享”ལ་བསྣུན། ➡️ ཅོག་ངོས་སུ་འཇོག་པ་“添加到主屏幕”,ལ་བསྣུན་ན་ཅོག་ངོས་སུ་བཞག་ཐུབ།
⓶ ཨན་ཌོ་དང་ཧྭ་ཝེ་བེད་སྤྱོད་མཁན། དྲྭ་བཤེར་ཆས་浏览器ནང་།
https://khampatsang.pages.dev དྲྭ་ཐག་འདི་ཁ་ཕྱེ་བའམ་བཤུས་རྗེས་གླན་ན་འགྲིགས། ➡️ ནང་འཇུག་བཟོ་བ་“安装应用”ཡང་ན་ཁ་སྣོན་
“添加至”ལ་བསྣུན་ ➡️ ཅོག་ངོས་སུ་འཇོགཔ་“添加到桌面”གདམས་ན་ཅོག་ངོས་སུ་བཞག་ཐུབ།
བཞི།:གསང་དོན་དང་ལས་ཀ་བྱེད་སྟངས་གསལ་བཤད།
⓵ དྲྭ་རྒྱ་མེད་པར་བཀོལ་ཆོག་པ། ཁ་པར་གྱི་ཅོག་ངོས་སུ་བཞག་གྲུབ་རྗེས་དྲྭ་རྒྱ་མེད་པའི་ས་ཆ་གང་དུ་ཡིན་ཡང་ཡང་དག་པར་བཀོལ་ཆོག ལོ་ལྟར་སྤྱི་ཟླ་༡༢པ་ནས་༡པོའི་བར་རམ་བོད་ཀྱི་ལོ་ཆེན་སྔོན་ཙ་ན་དྲྭ་སྦྲེལ་ཐེངས་གཅིག་གནང་ན་ལོ་གསར་པའི་འབྲེལ་ཡོད་ནང་དོན་གསར་བསྒྱུར་རང་འགུལ་གྱིས་གྲུབ་འགྲོ།
⓶ གསང་དོན་མི་བསྡུ་བ། འདིས་ཁྱེད་ཀྱི་གསང་དོན་དང་ཆ་འཕྲིན་གང་ཡང་མི་ལེན་པ་མ་ཟད། རྒྱང་བསྟན་འཕྲུལ་ཆས་སྟེང་དུ་མི་སྐྱེལ་བས་བློ་བདེ་པོར་བེད་སྤྱོད་གཏོང་ཆོག
⓷ རྩིས་རྒྱག་སྟངས། འདིའི་ནང་གི་རྩིས་ནི་ཁྱེད་ཀྱི་ཁ་པར་ནང་གི་དུས་ཚོད་ལ་གཞིར་བཟུང་ནས་རྩིས་རྒྱག་འགྲོ་བ་ཡིན།
Soul Day — 藏族传统历算之查看个人星耀的口袋历算软件开发者:向巴泽仁(网名:康巴仓 ,曾用网名:TIBET野牛)TIBET野牛藏文字体创作者。
此软件为: 永久免费,纯公益。一:设计初衷: 现在市面上虽然有很多功能丰富且权威的藏历历算类 App,但大多需要识字、并通过打字输入后才能查询到具体的星耀和出生年份。对于藏族同胞而言,星耀知识在出差办事、修心修法、医药治疗等日常生活中不可或缺的一部分。为了解决这一痛点,尤其是方便广大农牧民长辈,我专门设计了这款无需输入、零门槛、看图即懂的数字化历算工具。
二: 核心亮点⓵ 点击即用,无需识字: 专门为不懂操作、不识字的长辈打造。无需输入文字,只需点击屏幕上的“十二生肖”图标,就能瞬间查看当天的生耀(སྲོག་གཟའ།)、圣耀(བླ་གཟའ།)与克耀(གཤེད་གཟའ།)。并且还可查看相关生肖段的各个年龄以及相关五行。
⓶ 纯净体验,零广告: 全应用无任何广告插件或垃圾弹窗,给乡亲们一个最清爽、简单的使用环境。
⓷ 虚岁与五行,准确直观: 自动锁定每年藏历新年为分界点,以藏族传统年龄算法(出生即1岁 过藏历年+1岁)。点击属相即可查看各年份出生者的精准虚岁年龄及对应的年份五行(金木水火土)。
⓸ 内置“拉卜楞”字体: 内置了“拉卜楞”字体,确保在任何设备上藏文都美观、标准。
三: 安装教程(请配合下方图片)⓵ 苹果 (iPhone) 用户: 用 Safari 浏览器打开
https://khampatsang.pages.dev 这个链接或复制粘贴 ➡️ 点击底部“分享”图标 ➡️ 选择“添加到主屏幕”,即可完成。
⓶ 安卓/华为用户: 用自带浏览器打开
https://khampatsang.pages.dev 这个链接或复制粘贴 ➡️ 点击菜单 ➡️ 选择“安装应用”或“添加至”➡️ “添加到桌面”,即可完成。
四: 运行逻辑与隐私说明
⓵ 支持完美离线运行: 只要“添加到主屏幕”后,即使在无网络、无信号的深山牧场,App 依然能完美运行。建议每年公历 12 月至 1 月(藏历年前夕)联网打开一次后,将自动完成跨年数据更新。
⓶ 本地化计算: 页面加载后,所有计算均利用您手机本地系统时间完成。
⓷ 零隐私收集: 不读取、不存储、不上传您的任何敏感数据。数据计算留在本地,隐私绝对安全。
¥
རྒྱབ་སྐྱོར།
བཤེར་རིས་ནས་དངུལ་གནང་ཆོག
ཁྱེད་ཀྱི་རྒྱབ་སྐྱོར་ནི་ངེད་ཚོའི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན།
打开支付宝扫一扫,即可进行扫码打赏哦